User:Freeyak

From translatewiki.net
Babel user information
bo-N བོད་སྐད་ནི་སྤྱོད་མི་འདིའི་ ཕ་མེས་ཀྱི་སྐད་ཡིག་རེད།
en-2 This user has intermediate knowledge of English.
This user helps translating MediaWiki.
This user helped translating iHRIS.
Users by language

གུས་པའི་མིང་ལ་དོན་གྲུབ་ཟེར་ཞིང་སྨྱུག་མིང་ལ་མདུང་ཐུང་ཡང་ཟེར། རིག་གནས་ཀྱི་ཆུ་ཚད་ཧ་ཅང་དམའ་ཡང་ཆུང་དུས་རང་མི་རིགས་ཀྱི་སྐད་ཡིག་ལ་ཤ་ཞེན་ཆེ་བས། དེ་རིང་རང་སྣང་རང་གིས་བཀྱགས་ཏེ་སྐད་སྒྱུར་གྱི་ས་ཚུགས་འདིའི་ནང་དུ་གོམ་ཁ་བསྒྱུར། དྲ་ངོས་འདིར་སྐད་ཡིག་གཞན་པས་ཅི་ལྟར་ས་རྒྱ་གཅོད་བཞིན་པ་མཐོང་རྐྱེན་རང་དབང་མེད་པར་སྡོད་མི་ཚུགས་པའི་སྣང་བ་ཞིག་བྱིན། དེས་ན་ང་ཚོ་ཚང་མས་ཧུར་ཐག་གིས་རང་རང་ས་ནས་དྲ་ངོས་འདིར་ཐ་ན་ཡིག་ལྡོག་གཅིག་ཙམ་ཡིན་ནའང་ནང་འཇུག་བྱེད་པར་འབད་བརྩོན་ལྷོད་མེད་གནང་དགོས་པ་སྨོས་ཅི་དགོས། སློབ་ཆུང་འཛིན་རིམ་གསུམ་པ་ལས་འགྲོ་མ་མྱོང་བ་ཞིག་ལ་མཚོན་ན་དྲ་རྒྱ་འདིར་སྐད་སྒྱུར་གྱི་ལས་ལ་ཞུགས་པ་གད་མོའི་གནས་ལས་མ་འདས་མོད། ཤེས་ཡོན་པ་གཞན་ཚོས་འཇོན་བཞིན་པའང་མ་མཐོང་བས་དེ་རིང་གི་ལོག་བསྒྱུར་འདིས་སང་ཉིན་གྱི་ཡང་དག་པ་ཞིག་འདྲེན་ཐུབ་པའི་རེ་བ་ཡོད། དེས་ན་ཤེས་པ་ངེས་ཤེས་དང་མི་ཤེས་པ་ཚོད་དཔག་གི་ལམ་ནས་འཇུག་པ་ནི་ང་ཚོའི་གནས་སྟངས་ལ་་དཔག་པའི་ཐག་གཅོད་ཡང་དག་པ་ཞིག་ཏུ་ངོས་འཛིན་ཞུ་རོགས།